政府信息公开

བསང་ཆུ་རྫོང་མི་དམངས་སྲིད་གཞུང་གི་ཤོག་སྦག་རྒྱག་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ།
时间:2023-11-23   作者: 点击数:  

བསང་ཆུ་རྫོང་མི་དམངས་སྲིད་གཞུང་གི་ཤོག་སྦག་རྒྱག་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ།

ཤོག་སྦག་བདེ་འཇགས་དོ་དམ་ཇེ་དྲག་དང་། ཤོག་སྦག་གི་བཟོས་འི་མེ་སྐྱོན་དང་གས་གཏོར་སོགས་ཀྱི་དོན་རྐྱེན་སྔོན་འགོག ཇེ་ཉུང་། ཁོར་ཡུག་སྦགས་བཙོག་ཇེ་ལེགས། སྤྱི་ཚོགས་ཀྱི་སྤྱི་བའི་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ། བྱ་བ་དང་ཐོན་སྐྱེད། འཚོ་བ་བཅས་ལ་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་སྦགས་བཙོག་འགོག་བཅོས་བྱེད་ཐབས ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིམེ་འགོག་མེ་གསོད་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམསདང་ ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མཁར་གྲོང་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིགསོགས་ཁྲིམས་ལུགས་དང་ཁྲིམས་སྲོལ་ལྟར། རང་རྫོང་གི་དོན་དངོས་དང་འབྲེལ་ནས་བསང་ཆུ་རྫོང་ཁོངས་སུ་ཤོག་སྦག་རྒྱག་མི་ཆོག་པའི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

གཅིག ཤོག་སྦག་རྒྱག་མི་ཆོག་པའི་དུས་ཚོད་དང་ཁྱབ་ཁོངས།

ཤོག་སྦག་རྒྱག་མི་ཆོག་པའི་དུས་ཡུན།  ལོ་ཧྲིལ་བོར་གཏན་འཁེལ་ཁྱབ་ཁོངས་ནས་ཤོག་སྦག་རྒྱག་མི་ཆོག

ཤོག་སྦག་རྒྱག་མི་ཆོག་པའི་ཁྱབ་ཁོངས། སྔོ་ཆོག་ནས་མེ་ལོང་ཚལ་སྡེ་བའི་བར་གྱི་རྫོང་མཁར་གྱི་མངའ་ཁོངས་ཡོངས། ༼ཁྱབ་ཁོངས་གཞན་པ་དང་ཞང་གྲོང་རྡལ་སོ་སོས་ཤོག་སྦག་རྒྱག་མི་ཆོག་པ་ལག་བསྟར་བྱ་དགོས།༽

གཉིས། ཤོགསྦག་ཐོན་སྐྱེད་དང་གསོག་ཉར། ཚོང་གཉེར། སྐྱེལ་འདྲེན། ཤོག་སྦག་རྒྱག་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས།

གཅིག ཤོག་སྦག་རྒྱག་མི་ཆོག་པའི་ཁྱབ་ཁོངས་སུ་ལས་ཁུངས་དང་མི་སྒེར་གང་ཡིན་ཡང་ཤོག་སྦག་ཐོན་སྐྱེད་དང་། གསོག་ཉར། ཚོང་གཉེར། སྐྱེལ་འདྲེན་བྱ་མི་ཆོག་ལ། ཤོག་སྦག་རིགས་གང་ཡང་རྒྱག་མི་ཆོག

གཉིས། ཤོག་སྦག་རྒྱག་མི་ཆོག་པའི་ཁྱབ་ཁོངས་སུ་དམིགས་བསལ་བྱ་འགུལ་ཐད་དུ་ཤོག་སྦག་རྒྱག་དགོས་ཚེ། ངེས་པར་དུ་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཐོབ་དགོས་ལ། འབྲེལ་ཡོད་སྡེ་ཁག་གི་གཏན་འབེབས་བྱེད་པའི་དུས་ཚོད་དང་ས་གནས་སུ་གཏན་འཁེལ་རིགས་ཀྱི་ཤོག་སྦག་རྒྱག་དགོས།

གསུམ། བྲེལ་བསྟུན་དང་སྤྱི་བདེ་སྡེ་ཁག་གིས་ཤོག་སྦག་གི་སྤྱི་བའི་བདེ་འཇགས་དོ་དམ་ལ་འགན་འཁུར་དགོས་ལ། ཁྲིམས་ལྟར་ཁྲིམས་འགལ་གྱི་ཤོག་སྦག་རྒྱག་པར་རྩད་ཞིབ་བྱ་དགོས།

བཞི བྲེལ་བསྟུན་དང་། ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཤོག་སྦག་ཚོང་གཉེར་ཁོར་རྒྱུགས་བདེ་འཇགས་དོ་དམ་གྱི་འགན་འཁུར་དགོས་ལ། ཁྲིམས་ལྟར་ཤོག་སྦག་རྒྱག་མི་ཆོག་པའི་ཁྱབས་ཁོངས་སུ་ཤོག་སྦག་ཚོང་གཉེར་བྱེད་པར་རྩད་ཞིབ་བྱ་དགོས།

ལྔ། གོང་སྤེལ་བཅོས་བསྒྱུར་དང་། སློབ་གསོ། བཟོ་ཚོང་ཆ་འཕྲིན། དམངས་སྲིད། རང་བྱུང་ཐོན་ཁུངས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན། འགྲིམ་འགྲུལ། རིག་གནས་ཡུལ་སྐོར། ཁྲོམ་ར་ལྟ་སྐུལ། སྨྱན་སྦྱོར་ལྟེ་གནས། ཁོར་ཡུག་སྲུང་སྐྱོབ། འཕྲོད་བསྟེན་སོགས་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་བྱས་ཏེ། ཤོག་སྦག་རྒྱག་མི་ཆོག་པ་དྲིལ་བསྒྲགས་སྣེ་ཁྲིད་དང་ལྟ་སྐུལ་དོ་དམ་བྱ་བ་བཟང་བོ་སྒྲུབ་དགོས།

གསུམ། ཤོགསྦག་ཐོན་སྐྱེད་དང་གསོག་ཉར། ཚོང་གཉེར། སྐྱེལ་འདྲེན། ཤོག་སྦག་རྒྱག་པའི་སྐོར་གྱི་འགན་འཁྲི།

གཏན་འབེབས་ཀྱི་བརྡ་ཁྱབ་དང་འགལ་བའི་གཤམ་གྱི་བྱ་སྤྱོད་རིགས་ཡོད་ན། ལས་རིགས་དོ་དམ་སྡེ་ཁག་གིས་ཁྲིམས་ལུགས་ཁྲིམས་སྲོལ་ལྟར། འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།

གཅིག ཁྲིམས་འགལ་ལུགས་འགལ་གྱིས་ཤོག་སྦག་རྒྱག་པ་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རླུང་ཁམས་སྦགས་བཙོག་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱ་ཅུ་གྱ་གཉིས་པའི་ཚན་པ་གཉིས་པ་ལྟར། ཐོན་སྐྱེད་དང་ཚོང་གཉེར། སྤུས་ཚད་མི་ལོན་པའི་ཤོག་སྦག་བཀག་སྡོམ་བྱ་དགོས། ལས་ཁུངས་དང་མི་སྒེར་གང་རུང་གིས་མི་དམངས་སྲིད་གཞུང་གི་བཀག་སྡོམ་བྱས་པའི་དུས་ཚོད་དང་ཁྱབ་ཁོངས་སུ་ཤོག་སྦག་རྒྱག་མི་ཆོག ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག་གི་དོན་ཚན་བཞི་བཅུ་ཞེ་གཉིས་པའི་ཚན་པ་གཉིས་པའི་གཏན་འབེབས་ལྟར། སྤྱི་བདེ་སྡེ་ཁག་གིས་ཤོག་སྦག་རྒྱག་མི་ཆོག་པའི་བརྡ་གཏོང་བ་དང་། སྒོར100ཡན་ནས་སྒོར500མན་གྱི་ཆད་པ་གཅོད་རྒྱུ། བདེ་འཇགས་དོ་དམ་ལ་འགལ་བའི་ཉེས་པ་བསགས་ན། ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་ཡིན།

གཉིས། གཏན་འཁེལ་མ་བྱས་པའི་ཁྱབ་ཁོངས་སུ་ཁྲིམས་འགལ་ལུགས་འགལ་གྱིས་ཤོག་སྦག་རྒྱབ་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མཁར་གྲོང་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག་གི་དོན་ཚན་བདུན་ཅུ་དོན་བདུན་པའི་ཚན་པ་བདུན་པའི་གཏན་འབེབས་ལྟར། རྫོང་མཁར་གྲོང་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ནོར་འཁྲུལ་ཡོ་བསྲང་བྱེད་པའི་བརྡ་གཏོང་རྒྱུ། གལ་ཏེ་བརྡ་བཏང་རྗེས་བཅོས་བསྒྱུར་མ་བྱས་ན། སྒོར100ཡན་དང་སྒོར200མན་གྱི་ཆད་པ་གཅོད་རྒྱུ།


གསུམ ཁྲིམས་འགལ་ལུགས་འགལ་གྱིས་ཤོག་སྦག་ཐོན་སྐྱེད་དང་གསོག་ཉར། ཚོང་གཉེར། སྐྱེལ་འདྲེན་བྱས་ན། ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག་གི་དོན་ཚན་སུམ་ཅུ་སོ་དྲུག་པའི་གཏན་འབེབས་ལྟར། བདེ་འཇགས་དོ་དམ་ལྟ་སྐུལ་སྡེ་ཁག་གིས་ཁྲིམས་འགལ་ཐོན་སྐྱེད་དང་། ཚོང་གཉེར་བྱ་འགུལ་མཚམས་འཇོག་པའི་བཀའ་རྒྱ་གཏོང་ལ། སྒོར་ཁྲི2ཡན་ནས་སྒོར་ཁྲི10མན་གྱི་ཆད་པ་གཅོད་པ་མ་ཟད། ཁྲིམས་འགལ་ཐོན་སྐྱེད་དང་ཚོང་གཉེར་བྱེད་པའི་དངོས་རྫས་དང་ཡོང་འབབ་གཞུང་བཞེས་གཏོང་རྒྱུ། བདེ་འཇགས་དོ་དམ་བྱ་སྤྱོད་དང་འགལ་བའི་ཉེས་པ་བསགས་ན། བདེ་འཇགས་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ། སྤྱི་བདེ་སྡེ་ཁག་གིས་ཁྲིམས་འགལ་སྐྱེལ་འདྲེན་བྱ་འགུལ་མཚམས་འཇོག་དགོས་པའི་བཀའ་རྒྱ་གཏོང་ལ། སྒོར་ཁྲི1ཡན་ནས་སྒོར་ཁྲི5མན་གྱི་ཆད་པ་གཅོད་པ་མ་ཟད། ཁྲིམས་འགལ་ཐོན་སྐྱེད་དང་ཚོང་གཉེར་བྱེད་པའི་དངོས་རྫས་དང་ཡོང་འབབ་གཞུང་བཞེས་གཏོང་རྒྱུ། བདེ་འཇགས་དོ་དམ་བྱ་སྤྱོད་དང་འགལ་བའི་ཉེས་པ་བསགས་ན། བདེ་འཇགས་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ། དོན་ཚན་བཞི་བཅུ་ཞེ་བཞི་བའི་གཏན་འབེབས་ལྟར། སྤྱི་བདེ་སྡེ་ཁག་གིས་ཁྲིམས་འགལ་ངང་ཤོག་སྦག་འཁྱེར་བའམ་སྐུར་བ། ལྐོག་འཁྱེར་བྱེད་ན། སྒོར200ཡན་ནས1000མན་གྱི་ཆད་པ་གཅོད་རྒྱུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིམེ་འགོག་མེ་གསོད་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་ཅུ་རེ་གཅིག་པའི་གཏན་འབེབས་ལྟར། ཐོན་སྐྱེད་བྱེད་མཚམས་འཇོག་པ་དང་ལས་སྒོ་རྒྱག་པ་མ་ཟད། སྒོར5000ཡན་ནས50000མན་གྱི་ཆད་པ་གཅོད་རྒྱུ། དངོས་རྫས་གཞན་པ་ཐོན་སྐྱེད་དང་གསོག་ཉར། ལས་གཉེར་བྱེད་ས་དང་སྡོད་ཁང་གནས་གཅིག་ཡིན་པ། མེ་འགོག་མེ་གསོད་ལག་རྩལ་གྱི་ཆ་རྐྱེན་མི་འདང་ས་བཅས་ལ་གོང་གི་དོན་ཚན་གྱི་ནང་དོན་ལྟར་ཆད་པ་གཅོད་རྒྱུ།

བཞི།  ཁྲིམས་འགལ་ལུགས་འགལ་གྱིས་ཤོག་སྦག་རྒྱབ་ནས་མེ་སྐྱོན་དོན་རྐྱེན་བྱུང་བ་དང་། མི་ལུས་ལ་གནོད་འཚེ་ཐེབས་པའམ་ཤི་རྨས་བྱུང་བ། རྒྱུ་ནོར་ལ་གྱོང་གུད་ཐེབས་ཚེ། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། གལ་ཏེ་ཉེས་གསོག་གྲུབ་ན། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ།

བཞི། མི་སྒེར་རམ་ལས་ཁུངས་གང་ཡིན་ཡང་ཁྲིམས་འགལ་ལུགས་འགལ་གྱིས་ཤོག་སྦག་ཐོན་སྐྱེད་དང་། གསོག་ཉར། ཚོང་གཉེར། སྐྱེལ་འདྲེན། ཤོག་སྦག་རྒྱག་པའི་བྱ་སྤྱོད་ལ་བཀག་འགོག་བྱེད་པའི་དབང་ཆ་ཡོད་ལ། སྤྱི་ཚོགས་སྟེང་གི་རིགས་སོ་སོའི་མི་སྣས་ཤོག་སྦག་རྒྱག་མི་ཆོག་པའི་བྱ་བར་རྒྱབ་སྐྱོར་དང་ལྟ་སྐུལ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཞུ་གཏུག་བྱེད་པར་སྐུལ་མ་གཏོང་དགོས།  ཞུ་གཏུག་མཁན་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་བྱ་རྒྱུ་ཡིན།

ཞུ་གཏུག་ཁ་པར།

རྫོང་སྤྱི་བདེ་ཅུས།   0941-110

རྫོང་བྲེལ་བསྟུན་དོ་དམ་ཅུས།  0941-7126331

རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུས། 0941-7121684

ལྔ། བརྡ་ཁྱབ་སྤེལ་ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན།

བརྡ་ཁྱབ་འདི་ཆེད་དུ་སྤེལ་བ།

བསང་ཆུ་རྫོང་མི་དམངས་སྲིད་གཞུང་གིས།

2023ལོའི་ཟླ12ཚེས1ཉིན།











  
关闭窗口