政府信息公开

夏河县农牧业机械化服务中心惠民惠农农机购置补贴资金政策解读(汉藏双语)
时间:2026-04-07   作者: 点击数:  

根据《甘肃省农业农村厅关于提前下达2026年中央农机购置与应用补贴资金计划的通知》(甘农财发〔2025〕66号文件)要求,为全力保障我县2026年度春耕备耕,全面落实农机购置补贴工作,夏河县农牧业机械化服务中心现将2026年度农机购置补贴政策进行解读。

(一)补贴对象及补贴标准。补贴对象为夏河县内从事农业生产的个人和农业生产经营组织(以下简称“购机者”),其中农业生产经营组织包括农村集体经济组织、农民专业合作经济组织、农业企业和其他从事农业生产经营的组织。农机购置补贴实行定额补贴,补贴范围的农机具按照所属种类品目及关键参数分成若干档次,同一档次的产品享受相同补贴额。具体产品补贴额以甘肃省农业农村厅公布的年度《甘肃省农机购置补贴机具补贴一览表》为准。

(二)发放程序。农机购置补贴政策实行自主购机、定额补贴、先购后补、县级结算、直补到卡。符合条件的购机者可自愿申请,具体操作流程如下:

1.了解政策信息。购机者可通过省、市、县政府或农业农村部门网站,了解当年省内农机补贴范围及补贴产品的基本配置参数和补贴金额等信息,也可以电话咨询,或下载安装农机补贴手机APP了解信息。

2.自主选机购机。购机者在市场上自主选购所需的农机具,鼓励通过刷银行卡、扫码支付等方式付购机款。购机者对其购置的补贴机具拥有所有权,可自主使用、依法依规处置。

3.申请补贴。购机后,购机者携带身份证、购机发票到当地农业农村部门核验申请。实行牌证管理的拖拉机、联合收割机及当地规定的低价机具可免于现场实物核验。可通过农机补贴手机APP办理预约核验等事宜,提交有关申请材料。

4.主管部门审核。夏河县农牧业机械化服务中心对购机者补贴申请进行审核,并在县级农机购置补贴信息公开专栏公示。

5.补贴资金发放。补贴申请审核通过并公示无异议后,县级财政部门将补贴资金直接发到购机者的社保卡账户,农业生产经营组织购机者发放到补贴对象对公账户。

(三)咨询联系

夏河县农牧业机械化服务中心

联系电话:0941-7121093

联系人:拜维龙、拉浪才让

联系电话:13909419837、13884056661

བསང་ཆུ་རྫོང་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་ཞབས་ཞུ་ལྟེ་གནས་ཀྱི་དམངས་ཕན་འཕྲུལ་ཆས་ཉོ་སྒྲུབ་

ཁ་གསབ་མ་དངུལ་གྱི་སྲིད་ཇུས་སྒྲོག་འགྲེལ།

<ཀན་སུའུ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་2026ལོའི་ཀྲུང་དབྱང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བཀོལ་སྤྱོད་ཀྱི་ཁ་གསབ་མ་དངུལ་འཆར་གཞི་སྔ་མོ་ནས་གཤམ་སྤྲོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།>(ཀན་སུའུ་ཞིང་ཆེན་ཞིང་ལས་ནོར་སྲིད་ཁྲུའུ་ཡི་2025ལོའི་ཡིག་ཆ་ཨང་66པའི་)བླང་བྱ་ལྟར། རང་རྫོང་གིས་2026ལོའི་དཔྱིད་ཀྱི་རྨོ་འདེབས་གྲ་སྒྲིག་ལ་འགན་སྲུང་དང་། འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ལས་དོན་དོན་འཁྱོལ་བྱ་ཆེད། བསང་ཆུ་རྫོང་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་ཞབས་ཞུ་ལྟེ་གནས་ཀྱིས་2026ལོའི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་སྒྲོག་འགྲེལ་བྱ་རྒྱུ།

གཅིག ཁ་གསབ་བྱ་ཡུལ་དང་ཁ་གསབ་ཚད་གཞི། ཁ་གསབ་བྱ་ཡུལ་ནི་བསང་ཆུ་རྫོང་ཁོངས་ཀྱི་ཞིང་ལས་ཐོན་སྐྱེད་མཁན་མི་སྒེར་དང་ཞིང་ལས་ཐོན་སྐྱེད་ལས་གཉེར་རྩ་འཛུགས་<བསྡུས་མིང་འཕྲུལ་ཆས་ཉོ་མཁན་>དང་། དེའི་ནང་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་། ཞིང་བའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས། ཞིང་ལས་ཁེ་ལས་དང་ཞིང་ལས་ཐོན་སྐྱེད་ལས་གཉེར་རྩ་འཛུགས་གཞན་དག་བཅས་འདུ། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་གཏན་འཁེལ་ལྟར་ལག་བསྟར་བྱ་དགོས། ཁ་གསབ་ཁྱབ་ཁོངས་ཀྱི་ཞིང་ལས་འཕྲུལ་ཆས་དེ་སྤུས་ཀ་དང་བྱེད་ནུས། ཤོངས་ཚད་ལྟར་རིགས་བགར་ནས། ཚད་རིམ་གཅིག་པའི་ཐོན་རྫས་ཀྱི་གསབ་དངུལ་གཅིག་འདྲ་ཡིན། ཐོན་རྫས་ཁ་གསབ་ཀྱི་ཞིབ་ཕྲའི་དངུལ་གྲངས་དེ་ཀན་སུའུ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་བསྒྲགས་པའི་ལོ་འཁོར་གྱི་<ཀན་སུའུ་ཞིང་ཆེན་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ཀྱི་འཕྲུལ་ཆས་ཁ་གསབ་རེའུ་མིག་>ཚད་གཞིར་འཛིན་རྒྱུ།

གཉིས། དངུལ་གཏོང་གོ་རིམ། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བྱེད་པར་འཕྲུལ་ཆས་རང་གིས་ཉོ་བ་དང་། གཏན་འཁེལ་ལྟར་ཁ་གསབ་བྱེད་པ།  ཉོས་རྗེས་ཁ་གསབ་སྤྲོད་པ། རྫོང་རིམ་པས་རྩིས་རྒྱག་པ།  ཐད་ཀར་དངུལ་བྱང་དུ་འཇོག་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ། འཕྲུལ་ཆས་ཉོ་མཁན་གྱི་ཆ་རྐྱེན་འདང་ཚེ། རང་ཉིད་ཀྱིས་སྙན་ཞུ་བྱ་ཆོག་ལ། ཞིབ་ཕྲའི་ལས་རིམ་གཤམ་གསལ་ལྟར།

1. སྲིད་ཇུས་ཀྱི་ཆ་འཕྲིན་ཤེས་རྟོགས། འཕྲུལ་ཆས་ཉོ་མཁན་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་སྲིད་གཞུང་ངམ་ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱི་དྲ་ཚིགས་བརྒྱུད་དེ། ལོ་དེའི་ཞིང་ཆེན་ནང་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཁ་གསབ་ཁྱབ་ཁོངས་དང་ཁ་གསབ་ཐོན་རྫས་ཀྱི་རྨང་གཞིའི་སྒྲིག་བཀོད་དཔྱད་གྲངས། ཁ་གསབ་དངུལ་གྲངས་ཀྱི་ཆ་འཕྲིན་ཤེས་རྟོགས་བྱ་དགོས་ཤིང་། ཁ་པར་ལམ་ནས་བློ་འདྲི་བྱེད་པའམ་ཁ་པར་གྱི་APPཕབ་ལེན་བྱས་ནས་ཆ་འཕྲིན་ཤེས་རྟོགས་བྱ་ཆོག  

2. འཕྲུལ་ཆས་རང་གིས་ཉོ་བ། འཕྲུལ་ཆས་ཉོ་མཁན་གྱིས་ཁྲོམ་ར་ནས་རང་ལ་མཁོ་བའི་འཕྲུལ་ཆས་གདམ་ནས་ཉོ་ཆོག་ལ། དེར་དངུལ་བྱང་བཀོལ་བའམ་ཨང་བཤེར་སྤྱད་དེ་དངུལ་སྤྲོད་པར་སྐུལ་མ་གཏོང་དགོས། འཕྲུལ་ཆས་ཉོ་མཁན་ལ་ཁ་གསབ་འཕྲུལ་ཆས་ཉོས་པའི་བདག་དབང་ཡོད་པས། གང་འདོད་བཀོལ་སྤྱོད་དང་བཅའ་ཁྲིམས་ལྟར་ཐག་གཅོད་བྱས་ཆོག

3. ཁ་གསབ་མ་དངུལ་སྙན་ཞུ། འཕྲུལ་ཆས་ཉོས་རྗེས་ཉོ་མཁན་གྱི་ཐོབ་ཐང་ལག་ཁྱེར་དང་འཛིན་ཤོག་འཁྱེར་ནས། ས་གནས་དེ་གའི་ཞིང་ལས་ཞིང་སྡེ་ལས་ཁུངས་སུ་ཞིབ་བཤེར་སྙན་ཞུ་བྱ་དགོས། འཕྲུལ་ཆས་ཀྱི་ཨང་རྟགས་དང་སྐོར་ཡིག་དོ་དམ་ལག་བསྟར་བྱེད་པའི་འདྲུད་འཐེན་འཁོར་ལོ་དང་། བརྔ་བསྡུ་འཕྲུལ་འཁོར། ས་གནས་དེ་གའི་རིན་གོང་དམའ་བའི་འཕྲུལ་ཆས་བཅས་ལ་ཡུལ་དངོས་ནས་དངོས་རྫས་ཞིབ་བཤེར་བྱ་མི་དགོས། ཞིང་ལས་འཕྲུལ་ཆས་ཁ་གསབ་དེ་ཁ་པར་གྱི་APPབརྒྱུད་དེ་དུས་ཆད་ལྟར་ཞིབ་བཤེར་བྱེད་པ་དང་། འབྲེལ་ཡོད་སྙན་ཞུའི་ཡིག་ཆ་ཕུལ་ཆོག

4. གཙོ་གཉེར་ལས་ཁུངས་ཀྱི་ཞིབ་བཤེར། བསང་ཆུ་རྫོང་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་ཞབས་ཞུ་ལྟེ་གནས་ཀྱིས་འཕྲུལ་ཆས་ཉོ་མཁན་གྱི་ཁ་གསབ་སྙན་ཞུར་ཞིབ་བཤེར་མཆན་འགོད་བརྒྱུད། རྫོང་རིམ་པའི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ཆ་འཕྲིན་ཁྱབ་སྒྲོག་ཆེད་བསྒྲིགས་ལེ་ཚན་དུ་ཡོངས་བསྒྲགས་བྱ་རྒྱུ།

5. ཁ་གསབ་མ་དངུལ་སྤྲོད་པ། ཁ་གསབ་སྙན་ཞུར་ཞིབ་བཤེར་ཆོག་མཆན་ཐོབ་པ་དང་ཁྱབ་བསྒྲགས་ལ་འཐད་པ་བྱུང་རྗེས། རྫོང་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཁ་གསབ་མ་དངུལ་དེ། འཕྲུལ་ཆས་ཉོ་མཁན་གྱི་སྤྱི་ཚོགས་འགན་བཅོལ་དངུལ་བྱང་དུ་རྒྱག་པ་དང་། ཞིང་ལས་ཐོན་སྐྱེད་ལས་གཉེར་རྩ་འཛུགས་ཀྱི་ཁ་གསབ་མ་དངུལ་དེ་སྤྱི་བའི་དངུལ་བྱང་དུ་རྒྱག་རྒྱུ།

གསུམ། བློ་འདྲི་དང་འབྲེལ་གཏུག

བསང་ཆུ་རྫོང་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་ཞབས་ཞུ་ལྟེ་གནས།

འབྲེལ་གཏུག་ཁ་པར། 0941-7121093

འབྲེལ་གཏུག་མི་སྣ། པའེ་ཝེ་ལུང་། ལྷ་ལུང་ཚེ་རིང་།

འབྲེལ་གཏུག་ཁ་པར། 13909419837    13884056661



关闭窗口