政府信息公开

【藏汉双语】夏河县公安局关于拉卜楞寺正月法会期间交通安全提示
时间:2025-02-09   作者: 点击数:  

夏河县公安局关于拉卜楞寺正月法会

期间交通安全提示


夏河县拉卜楞寺正月法会期间,周边省、州、县参加的信教群众和游客剧增。特别是2月10日(正月十三)瞻佛节、2月11日(正月十四)跳法舞、2月12日(正月十五)酥油花灯展、2月13日(正月十六)转强巴等法会期间人员和车辆大幅增加,为了确保法会期间道路安全畅通,夏河县公安局提示如下:

一、临时交通管制路段:

公安交通管理部门将根据车流、人流分析研判,对周边道路:省道312线九甲小学路口至城区步行街桥南路口、洒合尔水厂至王府桥头、腾志路、尕寺沟至藏校路口等路段适时临时交通管制。临时交通管制期间,城区步行街实行双向通行。

二、管制期间过境车辆绕行路线

1.国道 316线(机场路)阿木去乎镇、同仁多哇方向的过境车辆,驶入省道312线王夏高速桑科收费站绕行。

2.省道 312 线王格尔塘镇方向的过境车辆,驶入王夏高速达麦收费站绕行。

3.国道 316 线(夏同公路)青海同仁方向的过境车辆,沿省道 312 线驶入王夏高速达麦收费站绕行。

4.大型货车和危险化学品车辆从阿木去乎、王格尔塘、甘青交界远端分流绕行。

三、公交车接送路线:

为了方便群众出行,减少通行压力,从2 月10日(正月十三)开始,上午7:30 至下午19:00城区提供 10 辆免费接送公交车,2月10日(正月十三)公交车路线一乘车点为拉卜楞镇昂去乎村路段,终点为普香园路口(全长 3.5km、乘车约需 6 分钟)往返。公交车路线二:乘车点为洒已昂路口、勒吉合路段,终点为步行街路口(全长 2.2km、乘车约需 4 分钟),往返。

2月11日(正月十四)、2月12日(正月十五)、2月13日(正月十六)按照公交路线免费乘车。2月12日(正月十五)将延长公交车运行时间。请参加法会的群众就近搭乘公交车、出租车。公安交管部门将对公交车、出租车优先通行。

四、城区临时停车场设置:(5790辆)

(一)拉卜楞寺周边停车场 8个(泊位1980辆)

1.王府停车场(泊位约 70辆,2 月10日正月十三禁止车辆停放,2月12日正月十五下午14:30时开始禁止车辆停放,2月13日正月十六上午至中午14:30时禁止车辆停放。)

2.王府桥南(贡塘宝塔)停车场(泊位约 40 辆,2 月10日正月十三禁止车辆停放,2月12日正月十五下午14:30时开始禁止车辆停放,2月13日正月十六上午至中午14:30时禁止车辆停放。)

3.晒佛台停车场(泊位约 600 辆,2 月10日正月十三禁止车辆停放)

4.拉卜楞寺游客接待中心(泊位约 800 辆)

5.原武装部院内(泊位约 350辆)

6.夏河县中学院内(泊位约 60 辆)

7.拉卜楞小学院内(泊位约 30 辆)

8.拉卜楞藏民小学(泊位约 30 辆)

(二)拉卜楞镇九甲村附近停车场4个(泊位约 1660 辆)

1.九甲小学院内(泊位约100辆)

2.原拉卜楞宾馆院内(泊位约60辆)

3.原拉卜楞宾馆、来周村周边道路及空地临时停车场(泊位约1000辆)

4.奥去乎村临时停车场(泊位约500辆)

(三)麻莲滩村(城东新区)附近停车场 8个 (泊位约2150辆)

1.省道 312 线尕磨弯新桥大型车辆停车场(泊位约 200 辆)

2.安居路(滨河路)道路两侧停车点(泊位约 400 辆)

3.洒乙昂路口至白云宾馆道路两侧停车点(泊位约 600 辆)

4.勒吉合白云宾馆停车场及附近道路(泊位约 50辆)

5.洒乙昂桥路口至藏中道路两侧停车点(泊位约 600 辆)

6.洒乙昂至甘加路口沿途单位开放停车场(泊位约 100 辆)

7.交警大队院内停车场(泊位约100辆)

8.统办楼后院临时停车场(泊位约100辆)

为了确保法会期间道路交通安全,缓解道路交通压力,预防和减少交通事故,请大家严格遵守道路交通法律法规,服从现场民警的指挥疏导,自觉将车辆有序停放在停车场。严禁无证驾驶、酒后驾车、超员超速;严禁农用车、电动车违法载人,骑乘摩托车、电动车佩戴头盔。请大家尽量乘坐公共交通工具,减少私家车出行,共同维护安全畅通的交通秩序。


夏河县公安局

2025年2月7日

བསང་ཆུ་རྫོང་སྤྱི་བདེ་ཅུས་ཀྱིས་བླ་བྲང་དགོན་པའི་རྒྱ་ལོའི་སྨོན་ལམ་སྐབས་སུ་འགྲིམ་འགྲུལ་བདེ་འཇགས་ཐད་ལ་བཏང་བའི་

གསལ་འདེབས།


བསང་ཆུ་རྫོང་བླ་བྲང་དགོན་པའི་རྒྱ་ལོའི་སྨོན་ལམ་སྐབས་སུ། ཉེ་འཁོར་གྱི་ཞིང་ཆེན་དང་ཁུལ། རྫོང་ཁག་མི་འདྲ་བའི་དད་ལྡན་མང་ཚོགས་དང་ཡུལ་སྐོར་བའི་འདུ་འགོད་ཆེ་བར་གྱུར་ནས།  སྤྱི་ཟླ2བའི་ཚེས10ཉིན་༼ལུགས་རྙིང་གི་ཟླ1པོའི་ཚེས13ཉིན།༽གོས་སྐུ་དང་། སྤྱི་ཟླ2བའི་ཚེས11ཉིན་༼ལུགས་རྙིང་གི་ཟླ1པོའི་ཚེས14ཉིན། ༽ འཆམ། སྤྱི་ཟླ2བའི་ཚེས12ཉིན་༼ ལུགས་རྙིང་གི་ཟླ1པོའི་ཚེས15ཉིན།༽ མེ་ཏོག་མཆོད་པ། སྤྱི་ཟླ2བའི་ཚེས13ཉིན་༼ ལུགས་རྙིང་གི་ཟླ1པོའི་ཚེས16ཉིན། ༽ བྱམས་པ་གླིང་སྐོར་སོགས་སྨོན་ལམ་གྱི་སྐབས་སུ་འགྲིམ་འགྲུལ་ཡོ་ལང་ཧ་ཅང་ཆེ་བས། ལམ་སྐབས་ཀྱི་བདེ་འཇགས་དང་འཁོར་རིགས་ཀྱི་རྒྱུ་ལམ་ཇེ་ཡངས་སུ་གཏོང་ཆེད་དུ་བསང་ཆུ་རྫོང་སྤྱི་བདེ་ཅུས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཐད་ལ་བཏང་བའི་གསལ་འདེབས་གཤམ་གསལ་ལྟར།

གཅིག སྐབས་ཐོག་འགྲིམ་འགྲུལ་བཀག་སྡོམ་གྱི་ལམ་བར། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་འཁོར་རིགས་དང་མི་ཚོགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་བརྒྱུད། ཉེ་འཁོར་གྱི་གཞུང་ལམ་སྟེ། ཞིང་ཆེན་རིམ་པའི་གཞུང་ལམ312ལམ་གྱི་རྒྱོའུ་རྒྱ་སློབ་ཆུང་གི་ལམ་མདོ་ནས་གསེར་མགར་སྲང་ལམ་ལྷོ་ཟམ་གྱི་ལམ་མདོ། ས་དཀར་རང་འབབ་ཆུའི་བཟོ་གྲྭ་ནས་དཔོན་ཚང་ཟམ་སྣེ། མཐུན་སྒྲིལ་ལམ། རྒྱབ་ཡོལ་མདོ་ནས་བོད་དམངས་སློབ་ཆུང་གི་ལམ་མདོའི་བར་དུ་གནས་སྐབས་སུ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན། བཀག་སྡོམ་གྱི་སྐབས་སུ། མཁར་གྲོང་གི་གསེར་མགར་སྲང་ལམ་དུ་རླངས་འཁོར་ཁ་ཕྱོགས་གཉིས་སུ་རྒྱུག་ཆོག

གཉིས། བཀག་སྡོམ་སྐབས་སུ་ས་ཕྱོགས་གཞན་ལ་འགྲོ་སའི་ལམ་ཐིག1.རྒྱལ་ཁབ་རིམ་པའི་གཞུང་ལམ316ལམ༼གནམ་གྲུ་ཐང་གི་ལམ།༽ཨ་མཆོག་དང་རེབ་གོང་མདོ་བ་ནས་ས་ཆ་གཞན་དུ་འགྲོ་བའི་རླངས་འཁོར་ཚང་མ་བསང་ཁོག་གི་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་འགྲོ་དགོས། 2.ཞིང་ཆེན་རིམ་པའི་གཞུང་ལམ312བང་གུར་ཐང་ནས་ས་ཆ་གཞན་དུ་འགྲོ་བའི་རླངས་འཁོར་ཚང་མ་མདའ་མེད་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་འགྲོ་དགོས། 3.རྒྱལ་ཁབ་རིམ་པའི་གཞུང་ལམ316ལམ་༼ རེབ་གོང་ནས་བསང་ཆུའི་གཞུང་ལམ།༽རེབ་གོང་ནས་བླ་བྲང་བརྒྱུད་དེ་ས་ཆ་གཞན་དུ་འགྲོ་དགོས་ཚེ། ཞིང་ཆེན་རིམ་པའི་གཞུང་ལམ312ལམ་བརྒྱུད་དེ་མདའ་མེད་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་འགྲོ་དགོས།4.ཟོང་འདྲེན་རླངས་འཁོར་ཆེ་གྲས་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་རླངས་འཁོར་ཚང་མ་ཨ་མཆོག་དང་བང་གུར་ཐང་། ཀན་སུའུ་དང་མཚོ་སྔོན་གྱི་ས་མཚམས་ནས་རང་འགུལ་ངང་བསང་ཆུའི་མཁར་གྲོང་གི་མཐའ་སྐོར་ནས་འོས་མཚམས་ཀྱི་ལམ་ཐིག་བརྒྱུད་དེ་འགྲོ་དགོས།

གསུམ། སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིགམང་ཚོགས་ལ་སྟབས་བདེ་དང་འགྲུལ་སྐྱོད་གནོན་ཤུགས་ཇེ་ཡང་དུ་གཏོང་ཆེད་དུ།སྤྱི་ཟླ2བའི་ཚེས10ཉིན༼ ལུགས་རྙིང་གི་ཚེས13༽ གྱི་ཞོགས་པའི་ཆུ་ཚོད7:30ནས་ཕྱི་དྲོའི་ཆུ་ཚོད19:00ནས་བཟུང་མཁར་གྲོང་དུ་སྤྱི་སྤྱོད་རླངས་འཁོར10ཡིས་རིན་མེད་ངང་འགྲུལ་སྐྱེལ་བྱ་རྒྱུ་ཡིན།  སྤྱི་ཟླ2བའི་ཚེས10ཉིན༼ ལུགས་རྙིང་གི་ཚེས13༽ གྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་དང་པོ་ནི། བླ་བྲང་གྲོང་རྡལ་གྱི་སྔོ་ཆོག་སྡེ་བ་ནས་ཕུལ་བྱུང་ར་བའི་ལམ་མདོའི་བར་འཁོར་རྒྱུག་བྱ་རྒྱུ་ཡིན།  ༼ ལམ་ཐག་གི་རིང་ཚད་ལ3.5kmདང་། སྐར་མ6ལྷག༽ སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གཉིས་པ་ནི། ཟ་ཡས་ནང་ལམ་མདོ་ནས་གླང་ཆེན་ཐང་དང་། གསེར་མགར་སྲང་ལམ་གྱི་ལམ་མདོའི་བར་ཡིན།༼ ལམ་ཐག་གི་རིང་ཚད་ལ2.2kmདང་། སྐར་མ4ལྷག༽ སྤྱི་ཟླ2བའི་ཚེས11ཉིན༼ ལུགས་རྙིང་གི་ཚེས14༽   དང་།   སྤྱི་ཟླ2བའི་ཚེས12ཉིན༼    ལུགས་རྙིང་གི་ཚེས15༽    སྤྱི་ཟླ2བའི་ཚེས13ཉིན༼ ལུགས་རྙིང་གི་ཚེས16༽ ཉིན་བཅས་ལ་སྤྱི་སྤྱོད་རླངས་འཁོར་རིན་མེད་ངང་འཁོར་རྒྱུག་བྱ་རྒྱུ་ཡིན།   སྤྱི་ཟླ2བའི་ཚེས12ཉིན༼ ལུགས་རྙིང་གི་ཚེས15༽  ཉིན་ལ་སྤྱི་སྤྱོད་རླངས་འཁོར་གྱི་འཁོར་རྒྱུག་དུས་ཚོད་ཇེ་རིང་དུ་གཏོང་རྒྱུ་ཡིན་པས། སྨོན་ལམ་ལ་མཇལ་དུ་ཡོང་བའི་མང་ཚོགས་རྣམས་ཉེ་འཁོར་གྱི་སྤྱི་སྤྱོད་དང་གླ་གཏོང་རླངས་འཁོར་ནང་དུ་འདུག་རོགས། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་སྤྱི་སྤྱོད་དང་གླ་གཏོང་རླངས་འཁོར་དམིགས་གསལ་གྱིས་འཁོར་རྒྱུག་བྱེད་དུ་འཇུག་རྒྱུ་ཡིན།

བཞི། མཁར་གྲོང་གི་གནས་སྐབས་རླངས་འཁོར་འཇོག་ར། ༼འཇོག་གནས5790ལྷག༽(གཅིག)བླ་བྲང་དགོན་པའི་ཉེ་འཁོར་དུ་རླངས་འཁོར་འཇོག་ར8ཡོད།  ༼འཇོག་གནས1980ལྷག ༽1.དཔོན་ཚང་རླངས་འཁོར་འཇོག་ར།  ༼འཇོག་གནས70ལྷག་ཡོད་ལ། ལུགས་རྙིང་གི་ཚེས13དང་ཚེས15ཉིན་ལ་འདིར་རླངས་འཁོར་འཇོག་མི་ཆོག་ལ། ལུགས་རྙིང་གི་ཚེས16སྔ་དྲོ་ནས་ཉིན་གུང་གི་དུས་ཚོད14:30བར་དུ་རླངས་འཁོར་འཇོག་མི་ཆོག ༽2.དཔོན་ཚང་ལྷོ་ཟམ་(གུང་ཐང་མཆོད་རྟེན)གྱི་རླངས་འཁོར་འཇོག་ས། ༼  འཇོག་གནས40ལྷག་ཡོད་ལ། ལུགས་རྙིང་གི་ཚེས13དང་ཚེས15ཉིན་ལ་འདིར་རླངས་འཁོར་འཇོག་མི་ཆོག་ལ། ལུགས་རྙིང་གི་ཚེས16སྔ་དྲོ་ནས་ཉིན་གུང་གི་དུས་ཚོད13:00བར་དུ་རླངས་འཁོར་འཇོག་མི་ཆོག ༽3.གོས་སྐུ་ཐང་གི་རླངས་འཁོར་འཇོག་ར།༼ འཇོག་གནས600ལྷག་ཡོད་ལ། ལུགས་རྙིང་གི་ཚེས13ཉིན་ལ་རླངས་འཁོར་འཇོག་མི་ཆོག༽4.བླ་བྲང་དགོན་པའི་ཡུལ་སྐོར་སྣེ་ལེན་ལྟེ་གནས། ༼འཇོག་གནས800ལྷག༽5.སྔོན་གྱི་དྲག་ཆས་པུའུ་ར་སྐོར་ནང་། ༼འཇོག་གནས350ལྷག ༽6.བསང་ཆུ་རྫོང་སློབ་འབྲིང་གི་ར་སྐོར་ནང་། ༼འཇོག་གནས60ལྷག ༽7.བླ་བྲང་སློབ་ཆུང་གི་ར་སྐོར་ནང་། ༼འཇོག་གནས30ལྷག ༽8.བླ་བྲང་བོད་དམངས་སློབ་ཆུང་། ༼འཇོག་གནས30ལྷག ༽(གཉིས།)རྒྱོའུ་རྒྱ་སྡེ་བའི་ཉེ་འཁོར་དུ་རླངས་འཁོར་འཇོག་ར4ཡོད། ༼ འཇོག་གནས1660ལྷག ༽1.རྒྱོའུ་རྒྱ་སློབ་ཆུང་གི་ར་སྐོར་ནང་།༼འཇོག་གནས100ལྷག ༽2.སྔོན་གྱི་བླ་བྲང་མགྲོན་ཁང་གི་ར་སྐོར་ནང་། ༼འཇོག་གནས60ལྷག༽3.སྔོན་གྱི་བླ་བྲང་མགྲོན་ཁང་དང་ཀླུ་གྲགས་སྡེ་བའི་ལམ་འགྲམ་དང་ས་སྟོང་དུ་གནས་སྐབས་རླངས་འཁོར་འཇོག་ར།༼འཇོག་གནས1000ལྷག༽4.སྔོ་ཆོག་སྡེ་བའི་གནས་སྐབས་རླངས་འཁོར་འཇོག་ར། ༼འཇོག་གནས500ལྷག༽(གསུམ།)སྐྱེར་མའི་ཐང་(གཞིས་གསར།)སྡེ་བའི་ཉེ་འཁོར་དུ་རླངས་འཁོར་འཇོག་ར8ཡོད།༼འཇོག་གནས2150ལྷག༽1.ཞིང་ཆེན་ལམ312སྟེ་རྡོ་མགོའི་ལབ་རྩེ་ཟམ་པའི་རླངས་འཁོར་ཆེ་རིགས་ཀྱི་རླངས་འཁོར་འཇོག་ར།༼འཇོག་གནས200ལྷག༽2.བདེ་སྡོད་ལམ་༼ཆུ་ངོགས་ལམ།༽གཞུང་ལམ་གཡས་གཡོན་གྱི་རླངས་འཁོར་འཇོག་ར།༼འཇོག་གནས400ལྷག༽3.ཟ་ཡུས་ནང་ལམ་མདོ་ནས་སྤྲིན་དཀར་མགྲོན་ཁང་གི་གཞུང་ལམ་གཡས་གཡོན་གྱི་རླངས་འཁོར་འཇོག་ར།༼འཇོག་གནས600ལྷག༽4.ཀླུ་གྲགས་སྤྲིན་དཀར་མགྲོན་ཁང་གི་ར་ནང་དང་ཉེ་འཁོར་གྱི་ལམ་འགྲམ། ༼འཇོག་གནས50ལྷག༽5.ཟ་ཡུས་ནང་ཟམ་མདོ་ནས་བོད་རིགས་སློབ་འབྲིང་གི་གཞུང་ལམ་གཡས་གཡོན་གྱི་རླངས་འཁོར་འཇོག་ར།༼འཇོག་གནས600ལྷག༽6.ཟ་ཡུས་ནང་ནས་ཕུགས་སྡེ་ལམ་མདོའི་བར་གྱི་ལས་ཁུངས་སོ་སོའི་ར་སྐོར་ནང་དུ་རླངས་འཁོར་འཇོག་ཆོག༼འཇོག་གནས100ལྷག༽7.འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ར་སྐོར་ནང་།༼འཇོག་གནས100ལྷག༽8.རྫོང་སྲིད་གཞུང་ལྟག་རྒྱབ་ཀྱི་གནས་སྐབས་རླངས་འཁོར་འཇོག་ར།༼འཇོག་གནས100ལྷག༽སྨོན་ལམ་སྐབས་སུ་མཁར་གྲོང་གི་འགྲིམ་འགྲུལ་གནོན་ཤུགས་ཇེ་ཉུང་དང་དོན་རྐྱེན་སྔོན་འགོག་བྱ་ཆེད་དུ། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་འགྲིམ་འགྲུལ་དོ་དམ་གྱི་བཅའ་ཁྲིམས་ལ་བརྩི་སྲུང་དང་། ཡུལ་དངོས་མི་དམངས་ཉེན་རྟོག་པའི་བཀོད་འདོམས་ལ་ཉན་པ། རང་འགུལ་ངང་གོ་རིམ་ཡོད་པའི་སྒོ་ནས་རླངས་འཁོར་འཇོག་སར་འཇོག་དགོས། དེ་མིན་འཛིན་ཡིག་མེད་པ་དང་ཆང་འཐུང་ནས་རླངས་འཁོར་སྐོར་བ། མི་གྲངས་དང་དངོས་པོ་ཚད་ལས་བརྒལ་བ། མགྱོགས་ཚད་བརྒལ་བ། ཞིང་ལས་འཕྲུལ་ཆས་དང་གློག་རྟ་སོགས་ཀྱི་འཁོར་སྒམ་ནང་དུ་ཁྲིམས་འགལ་ངང་མི་སྐྱེལ་འདྲེན་བྱེད་པ་སོགས་གཏན་ནས་བྱ་མི་རུང་། དེ་བས། རྒྱ་ཆེའི་འགྲིམ་འགྲུལ་མཉམ་ཞུགས་པ་ཚོ་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་དུ་འདུག་པ་ལས། གང་འདོད་དུ་མཁར་གྲོང་ནས་སྒེར་འཁོར་མི་སྐོར་བའི་རེ་བ་དང་བཅས་སྨོན་ལམ་སྐབས་སུ་འགྲིམ་འགྲུལ་ཁོར་ཡུག་ལེགས་པོ་ཞིག་ཡོང་བར་རང་ནུས་གང་ཡོད་འདོན་རོགས།
                                                                                               བསང་ཆུ་རྫོང་སྤྱི་བདེ་ཅུས།

2025ལོའི་ཟླ2བའི་ཚེས7ཉིན།



  
关闭窗口