Copyright©2011-2016 版权所有:甘肃省甘南州夏河县人民政府 地址:甘肃省甘南州夏河县拉卜楞镇浪格塘046号
投稿信箱:gnzdjg@126.com ICP备案:陇ICP备11000231号-1 网站标识码:6230270001
甘公网安备:62302702270003 技术维护单位:博达软件
时间:2025-01-21 作者: 点击数: |
|
为进一步加强烟花爆竹燃放安全管理,预防和减少因燃放烟花爆竹引发火灾、爆炸等事故的发生,降低燃放烟花爆竹对环境的污染,切实维护社会公共安全和人民群众生命财产安全,创造良好的工作、生产、生活环境,根据《中华人民共和国治安管理处罚法》《中华人民共和国大气污染防治法》《烟花爆竹安全管理条例》《甘南藏族自治州城乡环境卫生综合整治条例》等法律法规,现就我县烟花爆竹禁放的有关规定通告如下: 一、禁止燃放烟花爆竹的时间和区域 (一)禁止区域:昂去乎村至黄茨滩村整个县城区域 (二)禁止时间:2025年1月20日起执行 二、烟花爆竹燃放管理 (一)在禁燃区内禁止任何单位或个人燃放和销售各类烟花爆竹。 (二)在禁燃区内因特殊活动需燃放烟花爆竹的,须经相关部门同意,并按指定的时间、地点燃放规定种类的烟花爆竹。 (三)公安部门负责烟花爆竹公共安全管理,依法查处违反烟花爆竹禁放规定的违法违规行为。 (四)应急、市场监管部门负责烟花爆竹经营环节的安全管理,依法查处禁燃区范围内销售烟花爆竹销售点。 (五)环保、教育、城管、民政、住建、发改、交通、卫生、文旅、通信、社区等部门和单位,充分发挥职能优势,做好烟花爆竹禁放宣传引导及监管工作。 三、处罚规定 (一)《中华人民共和国大气污染防治法》第八十二条(第二款):禁止生产、销售和燃放不符合质量标准的烟花爆竹。任何单位和个人不得在城市人民政府禁止的时段和区域内燃放烟花爆竹。违反本法第一百一十九条之规定在城市人民政府禁止的时段和区域燃放烟花爆竹的,由县级以上人民政府确定的监督管理部门依法予以处罚。 (二)以危害公共安全和人身财产安全的方式燃放烟花爆竹,妨碍公共安全,造成现实危害或潜在危害严重后果的,依照《中华人民共和国治安管理处罚法》第三十条规定,以违反国家规定使用爆炸性危险物质,处五日以上十日以下拘留;有较为严重的现实危害后果的,处十日以上十五日以下拘留。对在劝阻非法燃放烟花爆竹过程中,阻碍国家机关工作人员依法执行职务,妨碍社会管理的,依照《中华人民共和国治安管理处罚法》第五十条规定,处五日以上十日以下拘留,可以并处伍佰元以下罚款;阻碍人民警察依法执行职务的,从重处罚。对14周岁以下的未成年人或无行为能力的精神病人在禁止区域内燃放烟花爆竹的,应责令其监护人严加管教。对存在教唆、诱骗未成年人或无行为能力精神病人燃放烟花爆竹行为的,对实施教唆、诱骗行为的人员,依照《烟花爆竹安全管理条例》第四十二条第二款,进行处罚;构成违反治安管理行为的,依照《中华人民共和国治安管理处罚法》第十七条第二款和第三十条,处十日以上十五日以下行政拘留;情节较轻的,处五日以上十日以下行政拘留。对十四周岁以上不满十八周岁个人在禁止区域内燃放烟花爆竹的,应从轻或减轻处罚;依照《中华人民共和国治安管理处罚法》当给予行政拘留处罚的,对于已满十四不满十六周岁和已满十六周岁不满十八周岁,初次违反治安管理的,不执行行政拘留处罚。 (三)《烟花爆竹安全管理条例》第三十六条第二款、第四十二条第一款、第二款的规定在禁止燃放烟花爆竹的时间、地点燃放烟花爆竹,或者以危害公共安全和人身、财产安全的方式燃放烟花爆竹的,由公安部门责令停止燃放,处100元以上500元以下的罚款;构成违反治安管理行为的,依法给予治安管理处罚。 (四)《甘南藏族自治州城乡环境卫生综合整治条例》第七十四条第七款之规定:单位或者个人在非指定区域、指定时间燃放烟花爆竹的,由县(市)城乡环境卫生综合治理行政主管部门责令改正;拒不改正的,处100元以上200元以下罚款。 (五)广大居民朋友要增强安全意识、法治意识,积极向公安机关、应急管理局及相关部门举报非法经营、储存、运输、邮寄、燃放烟花爆竹违法行为的活动和线索。对包庇、纵容违法犯罪分子的,依法追究法律责任。 本通告自发布之日起实施。
夏河县城市管理行政执法局 夏河县市场监督管理局 夏河县应急管理局 夏河县公安局 2025年1月20日 ཤོག་སྦག་རྒྱག་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ། ཤོག་སྦག་བདེ་འཇགས་དོ་དམ་ཇེ་དྲག་དང་། ཤོག་སྦག་གིས་བཟོས་པའི་མེ་སྐྱོན་དང་གས་གཏོར་སོགས་ཀྱི་དོན་རྐྱེན་སྔོན་འགོག ཇེ་ཉུང་། ཁོར་ཡུག་སྦགས་བཙོག་ཇེ་ལེགས། སྤྱི་ཚོགས་ཀྱི་སྤྱི་བའི་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ། བྱ་བ་དང་ཐོན་སྐྱེད། འཚོ་བ་བཅས་ལ་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་སྦགས་བཙོག་འགོག་བཅོས་བྱེད་ཐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་འགོག་མེ་གསོད་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་དང་། ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མཁར་གྲོང་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག་སོགས་ཁྲིམས་ལུགས་དང་ཁྲིམས་སྲོལ་ལྟར། རང་རྫོང་གི་དོན་དངོས་དང་འབྲེལ་ནས་བསང་ཆུ་རྫོང་ཁོངས་སུ་ཤོག་སྦག་རྒྱག་མི་ཆོག་པའི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར། གཅིག ཤོག་སྦག་རྒྱག་མི་ཆོག་པའི་དུས་ཚོད་དང་ཁྱབ་ཁོངས། ཤོག་སྦག་རྒྱག་མི་ཆོག་པའི་ཁྱབ་ཁོངས། སྔོ་ཆོག་ནས་མེ་ལོང་ཚལ་སྡེ་བའི་བར་གྱི་རྫོང་མཁར་གྱི་མངའ་ཁོངས་ཡོངས། ༼ཁྱབ་ཁོངས་གཞན་པ་དང་ཞང་གྲོང་རྡལ་སོ་སོས་ཤོག་སྦག་རྒྱག་མི་ཆོག་པ་ལག་བསྟར་བྱ་དགོས།༽ ཤོག་སྦག་རྒྱག་མི་ཆོག་པའི་དུས་ཡུན། 2025ལོའི་ཟླ1པོའི་ཚེས20ཉིན་ནས་ལག་བསྟར་བྱ་རྒྱུ། གཉིས། ཤོག་སྦག་རྒྱག་པའི་དོ་དམ། ༼གཅིག༽ ཤོག་སྦག་རྒྱག་མི་ཆོག་པའི་ཁྱབ་ཁོངས་སུ་ལས་ཁུངས་དང་མི་སྒེར་གང་ཡིན་ཡང་ཤོག་སྦག་ཤོག་སྦག་རིགས་གང་ཡང་རྒྱག་མི་ཆོག་ལ། ཚོང་གཉེར་ཡང་བྱ་མི་ཆོག ༼གཉིས།༽ ཤོག་སྦག་རྒྱག་མི་ཆོག་པའི་ཁྱབ་ཁོངས་སུ་དམིགས་བསལ་བྱ་འགུལ་ཐད་དུ་ཤོག་སྦག་རྒྱག་དགོས་ཚེ། ངེས་པར་དུ་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཐོབ་དགོས་ལ། འབྲེལ་ཡོད་སྡེ་ཁག་གི་གཏན་འབེབས་བྱེད་པའི་དུས་ཚོད་དང་ས་གནས་སུ་གཏན་འཁེལ་རིགས་ཀྱི་ཤོག་སྦག་རྒྱག་དགོས། ༼གསུམ། ༽སྤྱི་བདེ་སྡེ་ཁག་གིས་ཤོག་སྦག་གི་སྤྱི་བའི་བདེ་འཇགས་དོ་དམ་ལ་འགན་འཁུར་དགོས་ལ། ཁྲིམས་ལྟར་ཁྲིམས་འགལ་གྱི་ཤོག་སྦག་རྒྱག་པར་རྩད་ཞིབ་བྱ་དགོས། ༼བཞི།༽ བྲེལ་བསྟུན་དང་། ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཤོག་སྦག་ཚོང་གཉེར་འཁོར་རྒྱུགས་བདེ་འཇགས་དོ་དམ་གྱི་འགན་འཁུར་དགོས་ལ། ཁྲིམས་ལྟར་ཤོག་སྦག་རྒྱག་མི་ཆོག་པའི་ཁྱབས་ཁོངས་སུ་ཤོག་སྦག་ཚོང་གཉེར་བྱེད་པར་རྩད་ཞིབ་བྱ་དགོས། ༼ལྔ།༽ ཁོར་ཡུག་སྲུང་སྐྱོབ་དང་སློབ་གསོ། མཁར་གྲོང་དོ་དམ། དམངས་སྲིད། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན། འཕེལ་རྒྱས་བཅོས་སྒྱུར། འགྲིམ་འགྲུལ། རིག་གནས་ཡུལ་སྐོར། རང་བྱུང་ཐོན་ཁུངས། ཁྲོམ་ར་ལྟ་སྐུལ། སྨྱན་སྦྱོར་ལྟེ་གནས་སོགས་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་བྱས་ཏེ། ཤོག་སྦག་རྒྱག་མི་ཆོག་པ་དྲིལ་བསྒྲགས་སྣེ་ཁྲིད་དང་ལྟ་སྐུལ་དོ་དམ་བྱ་བ་བཟང་བོ་བསྒྲུབ་དགོས། གསུམ། ཆད་གཅོད་གཏན་འབེབས། ༼གཅིག༽ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་དོན་ཚན་གྱ་གཉིས་པའི་ཚན་པ་གཉིས་པ་ལྟར་ན། སྤུས་ཚད་མི་འདང་བའི་ཤོག་སྦག་ཐོན་སྐྱེད་དང་ཕྱིར་འཚོང་བྱ་མི་ཆོག་ལ། རྒྱག་ཀྱང་མི་ཆོག ལས་ཁུངས་དང་མི་སྒེར་གང་རུང་གིས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་བཀག་སྡོམ་བྱས་པའི་དུས་མཚམས་དང་ས་ཁོངས་ནང་ཤོག་སྦག་རྒྱག་མི་ཆོག དོན་ཚན་བརྒྱ་དང་བཅུ་དགུ་པའི་གཏན་འབེབས་དང་འགལ་ནས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་བཀག་སྡོམ་བྱས་པའི་དུས་མཚམས་དང་ས་ཁོངས་སུ་ཤོག་སྦག་རྒྱབ་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། ༼གཉིས།༽ཤོག་སྦག་རྒྱབ་ཏེ་སྤྱི་བའི་བདེ་འཇགས་དང་མི་ལུས། རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་ཐེབས་ཚེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་སུམ་ཅུ་བའི་གཏན་འབེབས་ལྟར། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་འབར་གས་རང་བཞིན་གྱི་ཉེན་ཁ་ཆེ་བའི་དངོས་རྫས་བེད་སྤྱོད་བྱས་པར་གཞིགས་ཏེ། ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ། མཇུག་འབྲས་ཅུང་ཚབས་ཆེན་ཡིན་ན། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བར་བཀག་ཉར་བྱ་རྒྱུ། ཁྲིམས་འགལ་གྱིས་ཤོག་སྦག་རྒྱབ་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་ལས་འགན་བསྒྲུབ་རྒྱུར་བཀག་འགོག་དང་། སྤྱི་ཚོགས་དོ་དམ་ལ་འགོག་རྐྱེན་བཟོས་ཚེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་ལྔ་བཅུ་བའི་གཏན་འབེབས་ལྟར། ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་དང་སྒོར་ལྔ་བརྒྱ་མན་གྱི་ཆད་པ་གཅོད་རྒྱུ། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ལས་འགན་བསྒྲུབ་པར་འགོག་རྐྱེན་བཟོས་ཚེ། ཆད་པ་ནན་པོ་གཅོད་རྒྱུ། ལོ14མན་གྱི་ནར་མ་སོན་པའི་བྱིས་པའམ་སྨྱོ་ནད་ཅན་གྱིས་བཀག་འགོག་ས་ཁོངས་ནང་དུ་ཤོག་སྦག་རྒྱབ་ཚེ། དེའི་ལྟ་སྐྱོང་པར་སློབ་གསོ་ཚ་ནན་གཏོང་རྒྱུ། ནར་མ་སོན་པའི་བྱིས་པ་དང་སྨྱོ་ནད་ཅན་ལ་ཤོག་སྦག་རྒྱག་པར་ངན་སྐུལ་དང་བསླུ་བྲིད་བྱས་ན། ངན་སྐུལ་དང་བསླུ་བྲིད་བྱེད་མཁན་ལ་ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག་གི་དོན་ཚན་ཞེ་གཉིས་པའི་ཚན་པ་གཉིས་པ་ལྟར་ཆད་པ་གཅོད་རྒྱུ། བདེ་འཇགས་དོ་དམ་དང་འགལ་ཚེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་ཚན་པ་གཉིས་པ་དང་སུམ་ཅུ་བར་གཞིགས་ཏེ། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་སྲིད་འཛིན་བཀག་ཉར་བྱེད་རྒྱུ། གནས་ཚུལ་ཅུང་ཡང་ན་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་སྲིད་འཛིན་བཀག་ཉར་བྱ་རྒྱུ། ལོ14ཡན་དང་ལོ18མ་ལོན་པའི་མི་སྒེར་གྱིས་བཀག་སྡོམ་ས་ཁོངས་སུ་ཤོག་སྦག་རྒྱབ་ན། ཉེས་ཆད་ཇེ་ཡང་དུ་གཏོང་རྒྱུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་གཞིར་བཟུང་ཏེ། སྲིད་འཛིན་བཀག་ཉར་གྱི་ཆད་པ་གཅོད་དགོས་ན། ལོ14དང་ལོ16 ལོ18ལ་བསླེབས་དགོས་པ་དང་། ཐེངས་དང་པོར་བདེ་འཇགས་དོ་དམ་དང་འགལ་ཚེ། སྲིད་འཛིན་བཀག་ཉར་གྱི་ཆད་པ་མི་གཅོད། ༼གསུམ།༽ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག་གི་དོན་ཚན་བཞི་བཅུ་ཞེ་གཉིས་པའི་ཚན་པ་གཉིས་པའི་གཏན་འབེབས་ལྟར། གཏན་འཁེལ་གྱི་དུས་ཚོད་དང་ས་གནས་ཁྱབ་ཁོངས་སུ་ཤོག་སྦག་མི་རྒྱག་པར་སྤྱི་བའི་བདེ་འཇགས་དང་། མིའི་བདེ་ཐང་། རྒྱ་ནོར་ལ་གྱོང་གུད་ཐེབས་ཚེ། སྤྱི་བདེ་སྡེ་ཁག་གིས་ཤོག་སྦག་རྒྱག་མི་ཆོག་པའི་བརྡ་གཏོང་བ་དང་། སྒོར100ཡན་ནས་སྒོར500མན་གྱི་ཆད་པ་གཅོད་རྒྱུ། བདེ་འཇགས་དོ་དམ་ལ་འགལ་བའི་ཉེས་པ་བསགས་ན། ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་ཡིན། ༼བཞི། ༽ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མཁར་གྲོང་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག་གི་དོན་ཚན་བདུན་ཅུ་དོན་བདུན་པའི་ཚན་པ་བདུན་པའི་གཏན་འབེབས་ལྟར། གཏན་འཁེལ་མ་བྱས་པའི་ཁྱབ་ཁོངས་སུ་ཁྲིམས་འགལ་ལུགས་འགལ་གྱིས་ཤོག་སྦག་རྒྱབ་ན། རྫོང་མཁར་གྲོང་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ནོར་འཁྲུལ་ཡོ་བསྲང་བྱེད་པའི་བརྡ་གཏོང་རྒྱུ། གལ་ཏེ་བརྡ་བཏང་རྗེས་བཅོས་བསྒྱུར་མ་བྱས་ན། སྒོར100ཡན་དང་སྒོར200མན་གྱི་ཆད་པ་གཅོད་རྒྱུ། ༼ལྔ།༽ རྒྱ་ཆེའི་སྡོད་དམངས་རྣམ་པས་བདེ་འཇགས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ནས། སྤྱི་བདེ་ལས་ཁུངས་དང་བྲེལ་བསྟུན་དོ་དམ་ཅུས། དེ་བཞིན་འབྲེལ་ཡོད་སྡེ་ཁག་ལ་ཁྲིམས་འགལ་གྱིས་ཤོག་སྦག་ཚོང་གཉེར་དང་གསོག་འཇོག སྐྱེལ་འདྲེན། སྦྲག་སྐྱེལ་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱ་དགོས། ཁྲིམས་འགལ་ཉེས་ཅན་འགེབས་སྲུང་དང་བཟོད་སྒོམ་བྱེད་མཁན་ལ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན། བརྡ་ཁྱབ་སྤེལ་ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན། ཀན་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་བསང་ཆུའི་ཡན་ལག་ཅུས། བསང་ཆུ་རྫོང་གྲོང་ཁྱེར་དོ་དམ་སྲིད་འཛིན་ཁྲིམས་འཛིན་ཅུས། བསང་ཆུ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། བསང་ཆུ་རྫོང་བྲེལ་བསྟུན་དོ་དམ་ཅུས། བསང་ཆུ་རྫོང་སྤྱི་བདེ་ཅུས། 2025ལོའི་ཟླ1ཚེས20ཉིན། |
【关闭窗口】 |