夏河要闻

您所在的位置: 网站首页 > 要闻动态 > 夏河要闻 > 正文

​重要 | 关于参加拉卜楞寺“正月法会”的倡议书

发布时间:2023-02-01 14:39:42来源: 办公室点击:[]

བླ་བྲང་དགོན་པའི་སྨོན་ལམ་ལ་ལེགས་པར་མཇལ་བའམ་བལྟ་སྐོར་གནང་བའི་སྐོར་གྱི་

གྲོས་འདོན་ཡི་གེ
རྫོང་ཡོངས་ཀྱི་སེར་སྐྱ་མང་ཚོགས་དང་ཡུལ་སྐོར་བ་རྣམ་པ།
རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་གི་དོན་ཚན་གསར་བ་བཅུའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་བསྟུན།ད་ལོར་བླ་བྲང་དགོན་པའི་སྨོན་ལམ་དུས་ལྟར་འཚོགས་རྒྱུ་རེད།བླ་བྲང་དགོན་པའི་སྨོན་ལམ་གྱི་ཆོ་ག་གཙོ་བོ་ལ་ཟླ1ཚེས29ཉིན་(ཧོར་ཟླ་དང་བོའི་ཚེས་བརྒྱད་ཉིན)གྱི་ཚེ་ཐར་དང་།ཟླ2ཚེས3ཉིན་(ཧོར་ཟླ་དང་བོའི་ཚེས་བཅུ་གསུམ་ཉིན)གྱི་གོས་སྐུ།ཟླ2ཚེས4ཉིན་(ཧོར་ཟླ་དང་བོའི་ཚེས་བཅུ་བཞི་ཉིན)གྱི་འཆམ།ཟླ2ཚེས5ཉིན་(ཧོར་ཟླ་དང་བོའི་ཚེས་བཅོ་ལྔ་ཉིན)གྱི་མེ་ཏོག་མཆོད་པ།ཟླ2ཚེས6ཉིན་(ཧོར་ཟླ་དང་བོའི་ཚེས་བཅུ་དྲུག་ཉིན)་གྱི་བྱམས་པ་གླིང་སྐོར་བཅས་ཡོད།
ཏང་ཀྲུང་དབྱང་དང་ཞིང་ཆེན།རང་སྐྱོང་ཁུལ་དང་རྫོང་བཅས་ཀྱི་རིམས་ནད་སྔོན་འགོག་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། གཟུགས་གཞི་བདེ་ཐང་བཅས་ལ་ཆེས་མཐོའི་ཚད་གཞིའི་སྲུང་སྐྱོང་བྱ་ཆེད།ད་རེས་སྨོན་ལམ་ལ་ཡོང་མཁན་གྱི་སེར་སྐྱ་མང་ཚོགས་དང་ཡུལ་སྐོར་བར་གྲོས་གཞི་བཏོན་པ་གཤམ་གསལ།
1.བྱེད་ཐབས་འོས་འཚམ་བདམས་ནས་སྨོན་ལམ་ལ་ཞུགས་དགོས།མཇལ་བ་དང་ཡུལ་སྐོར་བ་ཚོར་སྟབས་བདེ་ཡོང་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དུང་དཀར་ཐང་ཆེན་དང་། རྒྱབ་ཡོལ་མདོའི་ཟམ་མདོ། དཔོན་ཚང་སྲང་མགོའི་རླངས་འཁོར་འཇོག་གནས།གླང་ཆེན་ཐང་།རྫོང་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐོག་ཁང་གི་ཁ་གཏད་ཀྱི་ཐང་ཆེན་བཅས་སུ་བརྙན་ཤེལ་ཆེན་པོ་བཙུགས་ཡོད་ལ། དུས་མཉམ་དུ་ཐད་གཏོང་བྱ་རྒྱུ་ཡིན་པས། རྒྱ་ཆེའི་སེར་སྐྱ་མང་ཚོགས་དང་ལྷག་པར་རྒན་རྒོན་ཕྲུ་གུ་ཡོད་པའི་ཁྱིམ་ཚང་གིས་བརྙན་ཤེལ་ཆེན་པོའི་ཐད་གཏོང་ལ་བལྟས་ནས་སྨོན་ལམ་ལ་མཇལ་རོགས།
2.བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་བཏང་ནས་རང་སྒེར་ལ་འགོག་སྲུང་ཡག་པོ་བྱ་རྒྱུ།རང་གཞན་གཉིས་ཕན་གྱི་བྱ་སྤྱོད་ཐོག་ནས་རང་ངོས་ཀྱི་འགོག་སྲུང་འདུ་ཤེས་དང་། རྐུན་མ་དང་མགོ་སྐོར་སྔོན་འགོག་གི་འདུ་ཤེས་བཅས་མཐོ་རུ་གཏོང་རྒྱུ། ཁ་རས་རྒྱག་པ་དང་ལག་པ་རྒྱུན་དུ་བཀྲུ་བ། རྟག་ཏུ་དུག་སེལ་བྱེད་པ་དང་བདེ་ཐང་འགན་ལེན་བཅས་བྱེད་དེ་ཁྱིམ་ཚང་དང་རང་ངོས་ལ་དགོས་མེད་ཀྱི་རྙོག་དྲ་མི་ཡོང་བ་བྱ་རྒྱུ།རང་ཉིད་ཀྱི་ནང་མི་དང་ཕྲུ་གུར་ལྟ་སྐྱོང་ཡག་པོ་བྱ་དགོས་པ་ལས་འཚང་ཁ་རྒྱག་མི་རུང་བ་དང་ལས་དོན་མི་སྣའི་བཀོད་འདོམས་ལྟར་གོ་རིམ་ལྡན་པའི་ངང་ཞུགས་རྒྱུ།
3.ཡ་རབས་ཚུལ་ལྡན་ངང་རླངས་འཁོར་སྐོར་བ་དང་བདེ་འཇགས་ངང་རླངས་འཁོར་གཏོང་རྒྱུ།རང་རྟོགས་ངང་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ཏེ་ཐོག་མཐའ་བར་གསུམ་དུ་འགྲིམ་འགྲུལ་བདེ་འཇགས་དང་ཚེ་སྲོག་བདེ་འཇགས་ཨང་དང་བོར་བཞག་ནས་འགྲིམ་འགྲུལ་དོ་དམ་བྱ་ཡུལ་དུ་འབྱོར་རྗེས།ལས་དོན་སྒྲུབ་མཁན་མི་དམངས་ཉེན་རྟོག་པའི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱེད་པ་དང་།མི་དམངས་ཉེན་རྟོག་པའི་འདྲི་རྩད་ལ་ཇི་མ་ཇི་བཞིན་ལན་འདེབས་པ་མ་ཟད་གཏན་འབེབས་ལྟར་རླངས་འཁོར་འཇོག་རོགས་གནང་།རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྨོན་ལམ་སྔོན་དུ་རླངས་འཁོར་འཇོག་སའི་ཞིབ་ཕྲའི་གནས་ཡུལ་དང་དེ་བཞིན་རིན་མེད་སྤྱི་སྤྱོད་རླངས་འཁོར་ཆེ་གྲས་བཀོད་སྒྲིག་ཟིན་པ་ཡོངས་བསྒྲགས་བྱ་རྒྱུ་རེད།
4.ལས་དོན་མི་སྣའི་བཀོད་འདོམས་དང་དོ་དམ་ལ་རང་འགུལ་ངང་བརྩི་སྲུང་བྱ་རྒྱུ།སྨོན་ལམ་སྐབས་མི་འཚོགས་ཆེ་ལ་རླངས་འཁོར་རྒྱུག་ཚད་མང་བའི་གནས་ཚུལ་དངོས་ལ་གཞིགས་ནས།རྫོང་མཁར་གྱི་ལམ་མདོ་གཙོ་བོ་ཚང་མར་ལས་རེས་ས་ཚིགས་བཙུགས་ཡོད་ཅིང་།གཙོ་བོ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་དང་མི་སྣར་ལམ་སྟོན་ཁག་བགོས་བྱ་རྒྱུ་ཡིན་པས།རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ལས་དོན་མི་སྣའི་བཀོད་འདོམས་དོ་དམ་ལ་བརྩི་སྲུང་ནན་མོ་བྱེད་རོགས།
5.གླེང་ཕྱོགས་ཁོར་ཡུག་ལེགས་པོ་རང་འགུལ་ངང་སྲུང་སྐྱོང་བྱ་རྒྱུ།རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་དབྱེ་འབྱེད་ནུས་པ་མཐོ་རུ་བཏང་ནས་གཞུང་ཕྱོགས་སྨྱན་སྦྱོར་གྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་དང་དྲང་ནུས་བརྒྱུད་བསྒྲགས་བྱ་རྒྱུར་དོ་ཁུར་ཧུར་ཐག་བྱས་ཏེ།ར་སྤྲོད་མ་བྱས་པ་དང་ཡོང་ཁུངས་གསལ་པོ་མེད་པའི་ཆ་འཕྲིན་གྱིས་དཀྲོག་གཏམ་མི་བཟོ་བ།དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ།དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ། བརྒྱུད་སྤེལ་མི་བྱེད་པ་དང་། དྲ་བ་བརྒྱུད་ནས་ཆ་འཕྲིན་མི་ལེགས་པ་བརྒྱུད་བསྒྲགས་མི་བྱེད་པ། གཏམ་བརྗོད་མི་ལེགས་པ་མི་སྤེལ་བ། ལྡོག་ཕྱོགས་ཀྱི་བསམ་ཚུལ་ཕྱིར་སྒྲོག་མི་བྱེད་པ་བཅས་བྱ་རྒྱུ།
རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཡོངས་ལ་ལོ་སར་དུས་ཆེན་སྤྲོ་བོ་ཡོང་བ་དང་།ཁྱིམ་ཚང་འཆམ་མཐུན་ཡོང་བ། བདེ་སྐྱིད་རྟག་བརྟན་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན། བཀྲ་ཤིས་བདེ་ལེགས།
ཀྲུང་གུང་བསང་ཆུ་རྫོང་ཨུ།

བསང་ཆུ་རྫོང་མི་དམངས་སྲིད་གཞུང་།

2023ལོའི་ཟླ1ཚེས3



图片

关于参加拉卜楞寺“正月法会”的倡议书

广大僧俗群众、游客朋友们:

随着全国疫情防控 “新十条”政策落地实施,夏河县拉卜楞寺“正月法会”如期举行。拉卜楞寺“正月法会”主要佛事活动包括1月29日正月初八(放生节)、2月3日正月十三(瞻佛节)、2月4日正月十四(跳法舞)、2月5日正月十五“酥油花灯展”,2月6日正月十六“转香巴”。

为坚决贯彻落实党中央和省州县关于疫情防控的系列决策部署,最大限度维护广大人民群众生命财产安全和身体健康。现向广大僧俗群众及游客朋友发出如下倡议:

1.选择合适方式参加法会活动。为避免因人员拥挤带来的各种不便,请广大僧俗群众,特别是有老人、小孩的家庭,尽量采取通过观看大屏幕直播的方式参加法会。夏河县委县政府届时将在县城海螺湾广场、尕寺沟桥头、王府停车场、街心花园、县人民政府统办楼对面广场等重要点位搭建大屏幕,同步直播法会现场。

2.增强安全意识做好个人防护。要本着“利人利己”的态度,提高自我防护意识、防盗意识、防骗意识,做到戴口罩、勤洗手、常消毒、保健康。要看护好自己的家人和小孩,不要拥挤,按照工作人员的指挥有序进入会场并有序返回。

3.严格做到文明驾驶安全行驶。请大家自觉遵守交通法律法规,始终把交通安全和生命安全放在第一位,到达交通管制点位后,请积极配合执勤民警工作、如实回答民警询问并按规定停放车辆。夏河县委县政府将在法会前夕向社会公布县城内临时停车场具体位置及免费公交车乘坐点位

4.自觉服从工作人员指挥管理。考虑到法会期间人流量和车流量较大的实际情况。夏河县城将在主要路口路段设置执勤卡点,重点对过往车辆和人员进行疏导分流,请广大僧俗群众自觉服从执勤人员的指挥管理。

5.自觉维护清净文明舆论环境。广大僧俗群众要保持清醒头脑,提高辨别能力,积极关注官方媒体发布的消息、传播正能量。对未经证实和来源不明的信息自觉做到不造谣、不信谣、不传谣、不转发,不通过网络传播不良信息、发表不当言论、发泄负面情绪。

祝愿广大僧俗群众、游客朋友,春节愉快、阖家幸福、扎西德勒!

中共夏河县委

夏河县人民政府

2023年1月31日