བསང་ཆུ་རྫོང་གི་ཁོངས་ཡོངས་སུ་ཤོག་སྦག་རྒྱག་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ།
མེ་སྐྱོན་གྱི་དོན་རྐྱེན་ལ་སྔོན་འགོག་དང་། རང་རྫོང་གི་རླུང་ཁམས་ཁོར་ཡུག་ཇེ་ལེགས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། སྤྱི་ཚོགས་ཀྱི་སྤྱི་བའི་བདེ་འཇགས་སྲུང་སྐྱོབ་བྱ་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་སྦགས་བཙོག་འགོག་བཅོས་བྱེད་ཐབས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས། ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག་སོགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལྟར། རང་རྫོང་གི་དོན་དངོས་དང་འབྲེལ་ནས་རྫོང་ཁོངས་ཡོངས་སུ་ཤོག་སྦག་རྒྱག་མི་ཆོག་པའི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།
གཅིག ཤོག་སྦག་རྒྱག་མི་ཆོག་པའི་ཁྱབ་ཁོངས་སུ་ལས་ཁུངས་དང་མི་སྒེར་གང་ཡིན་ཡང་ཤོག་སྦག་ཐོན་སྐྱེད་དང་ཚོང་གཉེར། སྐྱེལ་འདྲེན་དང་གསོག་ཉར་བྱ་མི་ཆོག
གཉིས། ཤོག་སྦག་རྒྱག་མི་ཆོག་པའི་ཁྱབ་ཁོངས་སུ་དུས་ཆེན་དང་སྟོན་མོ་སོགས་དམིགས་བསལ་བྱ་འགུལ་སྤེལ་བར་ཤོག་སྦག་རྒྱག་དགོས་ཚེ། ངེས་པར་དུ་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཐོབ་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་མི་ཡོང་བར་ཁག་ཐེག་བྱ་རྒྱུ།
གསུམ། སྤྱི་དམངས་ཡོངས་ཀྱིས་རང་རྟོགས་ངང་བརྡ་ཁྱབ་འདིའི་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ། ཁྲིམས་འགལ་གྱིས་ཤོག་སྦག་རྒྱག་མཁན་བཀག་འགོག་དང་ཤོག་སྦག་མི་རྒྱག་པ་དྲིལ་སྒྲོག དམངས་ཀྱི་བདེ་འཇགས་དང་ཐོན་སྐྱེད་འཚོ་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་འབད་དགོས། ཏང་སྲིད་ལས་ཁུངས་དང་ཁེ་ལས་སྡེ་ཁག སྤྱི་ཚོགས་ཚོགས་པ་དང་ལས་བྱེད་པ་ཡོངས་ཀྱིས་མིག་དཔེ་བཟང་བོ་བསྟན་ནས། རང་གི་གྲོགས་པོ་དང་གཉེན་ཉེ། མང་ཚོགས་ལ་ཤོག་སྦག་མི་རྒྱག་པའི་སྐུལ་སློང་བྱ་རྒྱུ། ཞང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་སྣེ་ཁྲིད་དེ། ཤོག་སྦག་རྒྱག་མི་ཆོག་པའི་བརྡ་ཁྱད་ཀྱི་ནང་དོན་ཁྱབ་སྒྲོག་དང་ཤོག་སྦག་མི་རྒྱག་པའི་དགེ་མཚན་བཤད་ནས་མང་ཚོགས་ལ་མེ་འགོག་གི་རྒྱུན་ཤེས་ངེས་སུ་འཇུག་དགོས། སྤྱི་བདེ་དང་མཁར་གྲོང་དོ་དམ། སྐྱེ་ཁམས་ཁོར་ཡུག བྲེལ་བསྟུན་དོ་དམ། ཁྲོམ་ར་ལྟ་སྐུལ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཁག་གིས་འགན་ནུས་འདོན་སྤེལ་བྱས་ཏེ། ཤོག་སྦག་རྒྱག་པར་ཚོད་འཛིན་དང་ལྟ་སྐུལ་དོ་དམ་ནན་མོ་བྱེད་རྒྱུ། འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར། རང་རང་གི་འགན་འཁྲི་དང་དུ་བླངས་ནས་ཤོག་སྦག་ཐོན་སྐྱེད་དང་ཚོང་གཉེར། སྐྱེལ་འདྲེན་དང་གསོག་ཉར་བྱ་མཁན་ལ་ཆད་པ་ནན་མོ་གཅོད་དགོས།
བཞི། བརྡ་ཁྱབ་འདིའི་གཏན་འབེབས་དང་འགལ་ན་གཤམ་གསལ་ལྟར་ཆད་པ་གཅོད་རྒྱུ།
༼ གཅིག ༽ མི་སྒེར་གྱིས་ཁྲིམས་འགལ་ངང་ཤོག་སྦག་རྒྱབ་ན། སྤྱི་བདེ་ལས་ཁུངས་ཀྱིས་ཤོག་སྦག་རྒྱག་མི་ཆོག་པའི་བཀའ་ཕབ་པ་དང་། སྒོར་100ཡན་དང་སྒོར་500མན་གྱི་ཆད་པ་གཅོད་རྒྱུ།
༼ གཉིས།༽ ཆོག་མཆན་མ་ཐོབ་པར་ཤོག་སྦག་རྒྱབ་ནས་དགོང་ཚོགས་འཚོགས་པའམ་སྒྱུ་རྩལ་གྱི་བྱེད་སྒོ་རྒྱ་ཆེར་སྤེལ་ན། སྤྱི་བདེ་ལས་ཁུངས་ཀྱིས་བྱ་འགུལ་མཚམས་འཇོག་པའི་བཀའ་ཕབ་པ་དང་། འགན་འཁྲི་ལས་ཁུངས་ལ་སྒོར་ཁྲི་1ཡན་དང་སྒོར་ཁྲི་5མན་གྱི་ཆད་པ་གཅོད་རྒྱུ།
༼ གསུམ།༽ ཁྲིམས་འགལ་གྱིས་ཤོག་སྦག་སྐྱེལ་འདྲེན་བྱེད་མཁན་ལ། སྤྱི་བདེ་ལས་ཁུངས་ཀྱིས་བྱ་འགུལ་མཚམས་འཇོག་པའི་བཀའ་ཕབ་པ་དང་། སྒོར་ཁྲི་1ཡན་དང་སྒོར་ཁྲི་5མན་གྱི་ཆད་པ་གཅོད་པ་མ་ཟད། ཡོང་འབབ་ཚང་མ་གཞུང་བཞེས་གཏོང་རྒྱུ།
༼ བཞི། ༽ ཁྲིམས་འགལ་གྱིས་ཤོག་སྦག་ཐོན་སྐྱེད་བྱེད་མཁན་ལ། བྲེལ་བསྟུན་དོ་དམ་སྡེ་ཁག་གིས་སྒོ་རྒྱག་པའི་བཀའ་རྒྱ་གཏོང་བ་དང་། སྒོར་ཁྲི་2ཡན་དང་སྒོར་ཁྲི་10མན་གྱི་ཆད་པ་གཅོད་པ་མ་ཟད། ཐོབ་བྱ་དང་ཤོག་སྦག་གཞུང་བཞེས་གཏོང་རྒྱུ།
༼ ལྔ། ༽ བྱ་སྤྱོད་དེ་བདེ་སྐྱོང་དོ་དམ་གྱི་གཏན་འབེབས་དང་འགལ་ན། ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་པ་དང་། ཉེས་གསོག་གྲུབ་ཚེ་ཉེས་དོན་འགན་འཁྲི་རྩད་གཅོད་རྒྱུ།
ལྔ། སྡེ་ཁག་དང་མི་སྒེར་གང་རུང་གིས་བརྡ་ཁྱབ་འདིའི་གཏན་འབེབས་དང་འགལ་ནས་ཤོག་སྦག་རྒྱབ་ཚེ།ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་དང་ཞུ་གཏུག་བྱ་དགོས་ལ། དོན་དག་བདེན་པ་ཡིན་ན། རྫོང་མི་དམངས་སྲིད་གཞུང་གིས་ཞུ་གཏུག་མཁན་ལ་བྱ་དགའ་སྟེར་བ་མ་ཟད། འགེབས་སྲུང་དང་གསང་རྒྱ་བསྡམས་རྒྱུ། གལ་ཏེ་འཇིགས་སྐུལ་བྱེད་མཁན་ཡོད་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱེད་དོ། །
ཞུ་གཏུག་ཁ་པར།
བསང་ཆུ་རྫོང་སྤྱི་བདེ་ཅུས། 110
བསང་ཆུ་རྫོང་བྲེལ་བསྟུན་དོ་དམ་ཅུས། 0941-7126331
བསང་ཆུ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། 0941-7112315
ཀན་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་བསང་ཆུའི་ཡན་ལག་ཅུས། 0941-7122209
བསང་ཆུ་རྫོང་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཁག 0941-7222238
དྲུག བརྡ་ཁྱབ་སྤེལ་ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན། དེ་སྔ་ནང་དོན་མི་འདྲ་བའི་བརྡ་ཁྱབ་སྤེལ་ཡོད་ཚེ། བརྡ་ཁྱབ་རྗེས་མ་འདི་གཞིར་འཛིན་དགོས་ལགས།
བསང་ཆུ་རྫོང་སྤྱི་བདེ་ཅུས།
བསང་ཆུ་རྫོང་བྲེལ་བསྟུན་དོ་དམ་ཅུས།
བསང་ཆུ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།
ཀན་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་བསང་ཆུའི་ཡན་ལག་ཅུས།
བསང་ཆུ་རྫོང་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཁག
2026ལོའི་ཟླ1ཚེས13ཉིན།